查看原文
其他

ཀུ་ཤུའི་འཆར་ངོས་ཡོངས་ལ་བོད་ཡིག་བཀོལ་སྟངས།

ཕེབས་ཤོག 阿乍儿雅学术论坛 2022-10-25


     

ཀུ་ཤུའི་ཆ་འཕྲིན་གསར་པ་བཀོལ་སྟངས།

འཆར་ངོས་ཡོངས་ལ་བོད་ཡིག་བཀོལ་སྟངས།


ཁོ་བོ་མི་སྒེར་ལ་པོད་ཕྲན་དང་སྐད་འཕྲིན་སོགས་ནས། ཀུ་ཤུའི་ཁ་པར་ངོས་ནས་བོད་ཡིག་གི་འཆར་ངོས་ཅན་གྱི་བཟོ་སྟངས་དེ་གསུང་རོགས་ཞེས། ངོ་ཤེས་མིན་གྱི་དྲ་གྲོགས་མང་པོ་ཞིག་གིས་ཡང་དང་བསྐྱར་དུ་དྲིས་ལ། གཅིག་ན་ཉིན་འདི་གར་ཡར་འགྲོ་མར་འགྲོའི་ལམ་སྐབས་ཡིན་པས་ཁོམ་ལོང་ཕྲན་ཚེགས་ལས་མེད་པ་དང་། གཉིས་ན་མི་གཅིག་གཅིག་གཉིས་གཉིས་ལ་བཟོ་སྟངས་བཤད་རྒྱུ་དུས་ཚོད་ཀྱིས་ཀྱང་མི་འདང་བས། དེ་རེ་རེ་ལ་རྗེས་ནས་ཁོམ་སྐབས་ལ་གཞི་གཅིག་བྱས་ན་སྡེབ་ལན་ཞིག་པར་རིས་གྱི་ལམ་ནས་བཟོ་འོང་ཞེས་བཤད་ཡོད། དེ་རིང་མགྲོན་ཁང་འདི་ནས་སྐུད་མེད་དྲ་ལམ་བརྒྱུད་ནས་གྲོགས་ཅག་གི་རེ་བ་ལྟར། གཤམ་གྱི་བཟོ་སྟངས་འདི་དག་ཞིབ་གསལ་ཞིག་ངོ་སྤྲོད་བྱས་ཐུབ་ན་བསམས་སོང་།

ཞེས1  +  1  


ཐོག་མར་ཤེས་དགོས་པ་ཞིག་ལ། འདི་ནི་ཀུ་ཤུའི་པར་གཞི་གསར་པ10.0.2ཅན་དེ་ཡིན་དགོས་ལ། ཁྱེད་ཀྱིས་པར་གཞི་གསར་བསྒྱུར་བྱས་མེད་པ་ཡིན་ན། ཁ་པར་ནང་གི་ཨང་གྲངས་ཚང་མ་བོད་ཡིག་ཏུ་བསྒྱུར་ཐུབ་པ་མ་རེད། གལ་ཏེ་པར་གཞི་གསར་པ་ཡིན་ན་གཤམ་གྱི་པར་རིས་དག་ལ་གོ་རིམ་བཞིན་ཞུགས་པས་འཐུས།

དེ་ལྟར་བྱས་ཚར་རྗེས་གཤམ་གྱི་ཁ་པར་ཨང་གྲངས་དང་། ཆ་འཕྲིན་སོ་སོའི་ཨང་གྲངས། ལོ་ཟླ་ཚེས་གྲངས་སོགས་ཚང་མ་བོད་ཡིག་གི་པར་གཞི་ཅན་དེ་བཀོལ་ཐུབ་ཡོད་པ་རེད།

གོང་གི་པར་རིས་དེ་དག་ནི་འཆར་ངོས་ཀྱི་ཨང་གྲངས་སོགས་ཚང་མ་བོད་ཡིག་ཏུ་བསྒྱུར་བའི་གོ་རིམ་རེད། ཡིན་ཡང་། གྲོགས་པོ་རེ་ཟུང་ད་དུང་འདྲི་ཡ་ཞིག་ལ། ཁ་པར་གྱི་བརྡ་རྟགས་འགྲམ་གྱི中国移动དང་中国电信སོགས་བོད་ཡིག་ཏུ་ཇི་ལྟར་བསྒྱུར་དགོས་རབས་ཡང་དང་བསྐྱུར་དུ་འདྲི་ཡི་འདུག དེ་ལ་བཙོན་གྲོལ་གྱི་བྱེད་ཐབས་ཁོ་ན་ལས་ཐབས་གཞན་ཡོད་པ་མ་རེད། དེ་བས་དེ་ལ་སྤྲོ་བ་དང་ཚོད་ལྟ་འདོད་མཁན་དག་གིས་གཤམ་གྱི་གོ་རིམ་དག་བརྒྱུད་རོགས།  འདི་ནས་གསལ་བཤད་ཅིག་ལ། བཙོན་གྲོལ་གཏོང་སྟངས་འདི་མ་ནོར་གྱིས་ཤིག གལ་ཏེ་འདི་ལ་ཉམས་མྱོང་སོགས་ཕྲན་ཙམ་ཡང་མེད་པར། བཟོ་ནོར་བྱུང་བ་ཡིན་ན་རང་གི་ཁ་པར་ལ་གནོད་སྐྱོན་གཏོང་སྲིད་པ་ཐུགས་འཇགས་འཚལ།

     

ཀུ་ཤུ་ཁ་པར་བཙོན་གྲོལ་བྱེད་ཚུལ་གྱི་འདྲ་རིས་སློབ་ཁྲིད། 

1. ཐོག་མར་is助手ཡི་སྒོ་འབྱེད་པ།


འདི་ནས་ཐོག་མར་བཤད་བྱ་ཞིག་ལ་བཙོན་གྲོལ་གཏོང་བཞིན་པའི་སྐབས་སུ་ཁ་པར་གྱི་སྐུད་པ་ཆད་པ་དང་། ཡང་ན་བཙོན་གྲོལ་གཏོང་བཞིན་པའི་སྐབས་སུ་ཐད་ཀར་ཁ་པར་གྱི་སྒོ་རྒྱག་པ་སོགས་བྱེད་མི་རུང་།


2.ཁ་པར་མ་ལག་གི་ཚད་རིམ་ལ་ལྟ་བ།


3.བཙོན་གྲོལ་དངོས་ཀྱི་ལས་ལ་ཞུགས་པ།


4.ཁ་པར་ནང་གི་ལོ་ཚེས་2014年06月01日ལ་སྒྱུར་བ།


སྔོན་ལ་ཁ་པར་ནང་ནས་ལོ་ཚེས་སྒྱུར་སྟངས།

(1)


(2)


(3)


(4)


(5)


འདི་ནས་བཙོན་གྲོལ་སྐབས་སུ་ཐུགས་ཉམས་འཇོག་དགོས་ས་ཞིག་ནི། ཟླ་ཚེས་གོང་གི་རྣམ་པར་བསྒྱུར་ཞིང་། དེ་ནས་བཙོན་གྲོལ་གྱི་ལས་དག་དཀའ་ཞིང་ཁག་པར་སྙམ་ནས་བསྐྱུར་བཞག་ན། སྐད་འཕྲིན་སོགས་ནས་དྲ་ལམ་གྱི་གནས་ཚུལ་མང་པོ་ཞིག་ལ་མྱོང་རོལ་བྱེད་མི་ཐུབ་ཅིང་། མ་ཟད། འཕྲིན་སྟེགས་ཀྱི་སྒོ་ཕྱེ་བ་དང་འཚོལ་བཤེར་ནས་ནང་དོན་གང་རུང་འཚོལ་བ་སོགས་བྱས་མི་ཐུབ། གལ་ཏེ་མུ་མཐུད་ནས་བཙོན་གྲོལ་གྱི་ལས་ལ་ཞུགས་འདོད་མེད་ན། ཐད་ཀར་གོང་ལ་གནད་དོན་དེ་སེལ་ཐུབ་ལ་ཟླ་ཚེས་སོགས自动设置བྱས་པར་ཕྱིར་མནན་པས་ཆོག



གལ་ཏེ་མུ་མཐུད་ནས་བཙོན་གྲོལ་གཏོང་མཁན་ཚོས་གཤམ་གྱི་གོ་རིམ་ལྔ་པར་ཞུགས་པས་ཆོག

5.ཁ་པར་འཆར་ངོས་སུ་ཐོན་པའི་མཉེན་ཆས་གསར་པ་盘古ཞེས་པ་དེའི་ཁ་འབྱེད་པ།

(1)


(2)


(3)


6.ཁ་པར་གྱི་སྒོ་ཡང་བསྐྱར་རང་འགུལ་སྒོས་འབྱེད་པས་སྒུག་དགོས།

འདི་ནས་བཤད་དགོས་པ་ཞིག་ལ་གལ་ཏེ་ཁ་པར་གྱི་པར་གཞིiosཡིན་དུས། ཉེ་ཆར་འདི་རིགས་ལ་བཙོན་གྲོལ་རྒྱབ་སྐྱོར་མི་ཐོབ་པ་ནི་གཤམ་གསལ་ལྟར་ཡིན། གལ་ཏེ་པར་གཞི་དེ་མིན་དུས། གཤམ་གྱི་གོ་རིམ་བདུན་པར་རིམ་གྱིས་ཞུགས་ཆོག


7.གལ་ཏེ་ཁྱོད་ཀྱི་ཁ་པར་ལ་ཟྭ་ཡོད་ཚེ་འབྱེད་དགོས།


8.རྟེན་འབྲེལ་ཞུ། 

བཙོན་གྲོལ་ལེགས་འགྲུབ་བྱུང་སོང་།

(1)


(2)


གོ་རིམ་ཡོངས་སུ་ཚར་སོང་། ད་ནི་རང་འདོད་ངང་གཤམ་གྱི་པར་རིས་ཆ་འཕྲིན་གྱི་རྣམ་པ་སོགས་བོད་ཡིག་གིས་བཟོས་ཆོག་ལ། འཆར་ངོས་ཀྱི་ནང་དོན་ཡང་བོད་ཡིག་རང་འདོད་ངང་བཟོས་ཆོག


བཙོན་གྲོལ་བཏང་རྗེས་སུ་གཤམ་གྱི་པར་རིས་ཇི་བཞིན་ཅོག་ངོས་ཀྱི་ཟྭ་དང་། ཁ་པར་གྱི་བརྡ་རྟགས་སོགས་རང་ངོས་ནས་བཟོ་བཅོས་བརྒྱབ་ཆོག



བོད་ཡིག་གི་ཨང་ཀི་ཤར་ཚུལ་གྱི་ཐོག་མའི་གོ་རིམ་དེ་ལྟར་རེད། ཨོ་རེབ་འདིའི་པར་གཞི་ནི་ཆེས་གསར་ཤོས་དེ་ཡིན་དགོས། མ་གཏོགས་སྐད་རིགས་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཡོད་ཀྱང་། བོད་ཡིག་གི་ཨང་ཀི་པར་གཞི་རྙིང་ཤོས་དག་གི་ནང་དུ་བཅུག་མེད་པས་པར་གཞི་གསར་ཤོས་ཡིན་དགོས། གོང་གི་པར་རིས་འདི་ནི་ཁ་པར་བཙོན་གྲོལ་བྱས་རྗེས་སུ་༩༡དང་isགང་རུང་ནས་འཆར་ངོས་ཀྱི་པར་གཞི་བཟོས་བྱས་པའི་ཅོག་ངོས་རེད། འདི་ནི་སོ་སོའི་ཁ་པར་བཙོན་གྲོལ་བཏང་རྗེས་སུ་བཀོལ་ཐུབ་པ་ལས། བོད་ཡིག་གི་ཨང་ཀི་ལ་འགྱུར་བ་བཏང་ཙམ་གྱིས་ཐད་ཀར་སྤྱོད་ཐུབ་པ་ཞིག་མ་ཡིན་ནོ། །

ཞེས1  +  1ནས།




ཁྱེད་ཀྱིས་སྐར་མདང་སྐར་ཆརིང་ལ་འཕྲིན་སྟེགས་འདིར་གཟིགས་ཞིབ་གནང་བར་ཐུགས་རྗེ་ཆེ། འབྲེལ་ཡོད་ཀྱི་ནང་དོན་འདི་གྲོགས་གཞན་ལའང་བརྒྱུད་བསྐུར་གནང་རོགས་ཞུ།

མིག་སྔར་མི100000+འདིར་མཉམ་ཞུགས་བྱས་ཡོད།

 

 སྤྱི་སྟེགས་དོ་དམ་པའི་སྒེར་ལམ་ལ་ཕེབས་འདོད་ན་འོག་ནས་འབྲེལ།







འདིར་བཀོད་པའི་ནང་དོན་དག་ལ་

མཆོག་མཆན་མ་ཐོབ་པར་གང་འདོད་དུ་བཀོད་མི་ཆོག


ཨ་ཙརྱའི་རིག་གཞུང་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།


འོག་གི་བརྡ་ཁྱབ་འདི་ཐེངས་རེ་མནན་རོགས།

འདི་ཁྱོད་ལ་མི་གནོད་ཅིང་།  ང་ལ་ཕན་པའི་བྱ་བ་ཞིག་ཡིན།

您可能也对以下帖子感兴趣

文章有问题?点此查看未经处理的缓存